Megaphone-in-text-bubble

ཕྱི་ལོ་ ༢༠༢༢ ལས་བྱེད་ཀྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)ལ་སློབ་གྲྭའི་ལས་ཀ་བྱ་ཡུལ་གནས་སྟངས་ལེགས་བཅོས་གཏོང་བར་རོགས་རམ་གནང་རྒྱུ།

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱིས་མི་རེ་ངོ་རེར་བདེ་འཇགས་དང་། བརྩི་མཐོང་། གྲུབ་འབྲས་ལྡན་པ་ཡོང་བའི་ཁོར་ཡུག་ཅིག་སྐྲུན་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ལས་བྱེད་རྣམས་ལ་སློབ་གྲྭའི་ལས་ཀ་བྱ་ཡུལ་གནས་སྟངས་ཐད་མྱོང་ཚོར་མི་འདྲ་བ་ཡོད་པ་ང་ཚོས་ཤེས། ཕྱི་ལོ་ ༢༠༢༢ ལས་བྱེད་ཀྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་གྱིས་མྱོང་ཚོར་མི་འདྲ་བ་དེ་དག་ཤེས་རྟོགས་དང་། ལས་དོན་བསྒྲུབ་ཐབས་ཡག་ཤོས་ངོས་འཛིན། ལེགས་བཅོས་གཏོང་བར་སློབ་གྲྭ་ལ་རོགས་འདེགས་བྱེད་ངེས།

ཁྱེད་ལ་བསམ་ཚུལ་བསྡུ་ལེན་འདིར་ཞུགས་དགོས་པའི་བླང་བྱ་བཏོན་མེད། ཡིན་ནའང་ང་ཚོར་ལན་འདེབས་ཇི་སྲིད་མང་པོ་བྱུང་བ་དེ་སྲིད་ཀྱིས་ལས་དོན་ཡག་པོ་འགྲོ་བཞིན་པ་ཅི་ཞིག་ཡིན་པ་དང་བཟོ་བཅོས་གཏོང་དགོས་པ་ཅི་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ་པའི་གནད་དོན་དང་རྣམ་པ་མཐོང་ཐུབ། བསམ་ཚུལ་བསྡུ་ལེན་འགེང་ཤོག་ནང་དུ་ཁྱེད་ཀྱི་ལས་ཀ་བྱ་ཡུལ་ཁོར་ཡུག་དང་། ལས་ཀའི་རུ་ཁག ཁྱེད་དང་ལྟ་རྟོག་པའི་བར་གྱི་འབྲེལ་བ། རྒྱང་རིང་ལས་ཀ་བྱེད་ཕྱོགས་སྲིད་ཇུས་སོགས་འཁོད་ཡོད། བསམ་ཚུལ་བསྡུ་ལེན་འགེང་ཤོག་མཇུག་ཏུ་ཡོད་པའི་མི་འབོར་ཞིབ་བཤེར་སྐོར་གྱི་དྲི་བ་དག་གིས་གྲངས་འབོར་ཤེས་རྟོགས་དང་ངོ་རྟགས་ངོས་འཛིན་བྱེད་ཕྱོགས་རྒྱུས་ལོན་བྱ་རྒྱུར་འབྲེལ་ཆགས་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ། བསམ་ཚུལ་བསྡུ་ལེན་ནང་གི་དྲི་བ་ཡོངས་ལ་ལན་འདེབས་བྱེད་དང་མི་བྱེད་རང་མོས་ཡིན།

ལྟ་རྟོག་པ་ཚོས་ལས་བྱེད་རྣམས་ལ་ལས་ཀའི་སྐབས་དང་ཕོགས་ཡོད་ངོ་བོའི་ཐོག་ནས་བསམ་ཚུལ་བསྡུ་ལེན་ལ་མཉམ་ཞུགས་གནང་དུ་འཇུག་དགོས། བསམ་ཚུལ་བསྡུ་ལེན་འདི་ལ་ལན་འདེབས་བྱ་རྒྱུར་སྐར་མ་ ༡༥ ཙམ་ལས་མི་དགོས།

ལས་བྱེད་ཀྱི་ལས་ཀའི་གནས་སྟངསབསམ་ཚུལ་བསྡུ་ལེན་འདི་བཞིན་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་(UW Survey Center) ཀྱིས་བཀོད་སྒྲིག་བྱེད་ཀྱི་ཡོད་ལ། བསམ་ཚུལ་བསྡུ་ལེན་འདི་བཞིན་ཕྱི་ཟླ་ ༤ ཚེས་ ༡༢ ནས་ཕྱི་ཟླ་ ༥ ཚེས་ ༣ བར་དུ་ཡོད། གཏན་འཇགས་རིག་གནས་ལས་བྱེད་ཚན་པ་ (academic staff) དང་གཙུག་ལག་སློབ་ཆེན་ལས་བྱེད་ཚན་པ་ (university staff) གཉིས་ཀྱི་ལས་བྱེད་དང་། དགེ་རྒན་མིན་པའི་དུས་ཐུང་འཕྲལ་སེལ་བསྐོ་བཞག་ལས་བྱེད (limited appointees) ། འབུམ་རམས་པ་སློབ་ཐོན་རྗེས་ (post-docs) ཀྱི་ལས་བྱེད་རྣམས་ཀྱིས་བསམ་ཚུལ་བསྡུ་ལེན་འདིར་མཉམ་ཞུགས་བྱེད་ཆོག Women in Science & Engineering Leadership Institute ལས་ཁུངས་ཀྱིས་དགེ་རྒན་རྣམ་པར་བསམ་ཚུལ་བསྡུ་ལེན་གཞན་པ་ཞིག་བྱེད་ཀྱི་ཡོད།

བསམ་ཚུལ་བསྡུ་ལེན་འདི་གསང་རྒྱ་ཡིན་ལ། ཁྱེད་ཀྱི་ལྟ་རྟོག་པ་དང་སློབ་གྲྭའི་འགོ་ཁྲིད་གཞན་རྣམས་ཀྱིས་གང་ཟག་བྱེ་བྲག་ཅིག་དང་འབྲེལ་བའི་ལན་འདེབས་རྣམས་གཏན་ནས་མཐོང་གི་མེད།

བསམ་ཚུལ་བསྡུ་ལེན་འདིའི་གྲུབ་འབྲས་ཀྱིས་མི་ཚང་མར་བརྩི་མཐོང་ཡོང་བ་དང་ཞབས་འདེགས་ཞུ་བའི་ཁོར་ཡུག་བསྐྲུན་རྒྱུར་ཕན་པའི་ཐག་གཅོད་དང་སྲིད་ཇུས་བཟོ་འདོན་བྱ་རྒྱུར་ལམ་སྟོན་བྱེད་ངེས། ང་ཚོས་ཕྱི་ལོ་ ༢༠༢༢ དབྱར་ཁར་ལན་འདེབས་གྲུབ་འབྲས་ལ་དབྱེ་ཞིབ་བྱས་ཏེ་ཕྱི་ལོ་ ༢༠༢༢ སྟོན་ཁར་དེ་དག་གསལ་བསྒྲགས་བྱ་རྒྱུ་དང་། དེ་ཡང་བསམ་ཚུལ་བསྡུ་ལེན་འདིའི་གསང་རྒྱའི་རང་བཞིན་སྲུང་སྐྱོབ་བྱས་ཏེ་ལན་འདེབས་གྲུབ་འབྲས་རྣམས་གསལ་བསྒྲགས་བྱེད་ངེས།

གཙུག་ལག་སློབ་ཆེན་ཞིག་ལ་མཚོན་ན་ང་ཚོའི་ལམ་ལྷོང་གྲུབ་འབྲས་ནི་ཚོགས་སྡེ་འདི་ཉིད་ཀྱི་མི་རེ་ངོ་རེའི་བྱས་རྗེས་གྲུབ་འབྲས་ལ་རག་ལས་ཡོད་པས། ང་ཚོས་ཁྱེད་ཀྱི་དགོངས་འཆར་གལ་ཆེན་དུ་བརྩི་ཡི་ཡོད།

འགྲེམས་སྤེལ་དང་གཙང་བསྒྲུབ་མཇུག་སྐྱེལ།

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་(UW Survey Center) ཀྱིས་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བསམ་ཚུལ་བསྡུ་ལེན་ལ་ ཞུགས་ཆོག་ཆ་རྐྱེན་ཚང་མཁན་ལས་བྱེད་ཡོངས་ལ་བསམ་ཚུལ་བསྡུ་ལེན་འགེང་ཤོག་དགང་རྒྱུའི་དྲ་ཐག་ཡོད་པའི་གློག་འཕྲིན་ཞིག་བསྐུར་ཡོང་ངེས། ལས་ཀའི་ཆེད་དུ་ཀམ་པུ་ཊར་རྒྱུན་སྤྱོད་མི་བྱེད་པའམ་དྲ་ཐོག་ནས་བསམ་ཚུལ་བསྡུ་ལེན་ལ་ཞུགས་འདོད་མེད་པའི་ལས་བྱེད་ཀུན་གྱིས་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་འགེང་འབུལ་བྱེད་ཆོག ཀམ་པུ་ཊར་རྒྱུན་སྤྱོད་བྱེད་མཁན་ལས་བྱེད་རྣམས་ཀྱིས་དྲ་ཐོག་ནས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ལ་ལན་འདེབས་བྱེད་པའི་རེ་བ་ཡོད་ལ། དེ་ལྟར་ང་ཚོས་སྟབས་བདེའི་ཐོག་ནས་ཁྱེད་ཀྱི་ལན་འདེབས་བསྡུ་རུབ་བྱེད་ཐུབ་པ་མ་ཟད་ང་ཚོའི་རྙེད་དོན་རྣམས་མྱུར་དུ་གསལ་བསྒྲགས་བྱེད་ཐུབ།

  • དྲ་ཐོག་འགྲེམས་སྤེལ། དྲ་ཐོག་བསམ་ཚུལ་བསྡུ་ལེན་འགེང་ཤོག་འདི་བཞིན་རྒྱ་ནག་སྐད་དང་། དབྱིན་ཇི་སྐད། མོང་སྐད། བལ་པོ་སྐད། སི་པན་སྐད།

བོད་སྐད་ནང་དུ་ཡོད་ལ། ཁྱེད་ཀྱིས་ང་ཚོས་བསྐུར་བའི་དམིགས་བསལ་གློག་འཕྲིན་གྱི་དྲ་ཐག་སྤྱད་ནས་བསམ་ཚུལ་བསྡུ་ལེན་ལ་ལན་འདེབས་བྱེད་ཆོག ཁྱེད་ཀྱིས་རང་ཉིད་ཀྱི་ལས་ཡུལ་ཡིག་ཚང་ངམ་ཡང་ན་སློབ་གྲྭའི་ཀམ་པུ་ཊར་ཚོད་ལྟ་ཁང་ InfoLab ས་གནས་ནས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་ཆོག་པ་དང་། མི་སྒེར་ལག་ཐོགས་ཁ་པར་རམ་ཊབ་ལེབ་ tablet བེད་སྤྱོད་ཀྱིས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་ཆོག

  • ཤོག་ངོས་འགྲེམས་སྤེལ། ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་འདི་བཞིན་རྒྱ་ནག་སྐད་དང་། དབྱིན་ཇི་སྐད། མོང་སྐད། བལ་པོ་སྐད། སི་པན་སྐད། བོད་སྐད་ནང་དུ་ཡོད་ལ། ལས་ཀའི་ཆེད་དུ་ཀམ་པུ་ཊར་རྒྱུན་སྤྱོད་མི་བྱེད་པའམ་དྲ་ཐོག་ནས་བསམ་ཚུལ་བསྡུ་ལེན་ལ་ཞུགས་རྒྱུར་བདེ་བོ་མེད་པའི་ལས་བྱེད་ཀུན་གྱིས་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་ཆོག ཤོག་ངོས་འགེང་ཤོག་རྣམས་ཕྱི་ཟླ་ ༤ ཚེས་ ༢༠ དང་། ༢༡། ༢༦། ༢༧ ཉིན་བཅས་ཀྱི་རོགས་བྱེད་ཚོགས་ཐུན་ (help sessions)སྐབས་སུ་འགྲེམས་སྤེལ་བྱ་རྒྱུ། (གཤམ་གྱི་ “རོགས་རམ་འཕར་མ་Additional Support” ཞེས་པའི་ཚན་པ་ནས་ཚོགས་ཐུན་ས་གནས་དང་དུས་ཚོད་ལ་གཟིགས་རྒྱུ) ཚོགས་ཐུན་འདི་དག་གི་བསམ་ཚུལ་བསྡུ་ལེན་འགེང་ཤོག་དབྱིན་ཇི་སྐད་དང་། སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད། བལ་པོ་སྐད་དུ་ཡོད་ལ། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་(Cultural Linguistic Services) གིས་སྐད་ཡིག་རོགས་རམ་དང་མཐུན་རྐྱེན་སྦྱོར་འདེགས་བྱེད་ཀྱི་ཡོད། ཚོགས་ཐུན་འདི་དག་ཉིན་མོ་དང་དགོང་མོའི་ལས་ཀའི་དུས་ཚོད་སྐབས་སུ་གོ་སྒྲིག་བྱ་རྒྱུ།
    • ཁྱེད་རང་རོགས་བྱེད་ཚོགས་ཐུན་འདི་དག་གང་རུང་ལ་ཞུགས་ཐུབ་མེད་ཚེ། ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་ནས་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་དགོས་སྐོར་རེ་སྐུལ་ཞུ་ཆོག རེ་སྐུལ་ཞུས་རྗེས་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ཁྱེད་ཀྱི་ནང་ཁྱིམ་ཁ་བྱང་ཐོག་ཏུ་བསྐུར་ཡོང་ངེས།
      • གློག་འཕྲིན། staffclimatesurvey@wisc.edu
      • ཁ་པར།
        • དབྱིན་ཇི་སྐད / ENGLISH: (608) 265-2257
        • སི་པན་སྐད / SPANISH: (608) 265-0838
        • མོང་སྐད / HMONG: (608) 263-2217
        • བོད་ཡིག / TIBETAN: (608) 890-2545
        • རྒྱ་ནག་སྐད / CHINESE: (608) 890-2628
        • བལ་པོ་སྐད/ NEPALI: (608) 262-7521

རོགས་རམ་གཞན་པ།

ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱ་ཆེད་མི་དངོས་ངོ་སྐྱོད་བྱེད་སའི་ཚོགས་ཐུན་ས་ཆ་དང་དུས་ཚོད་གོ་སྒྲིག་ཡོད། ཚོགས་ཐུན་འདི་དག་སྐབས་སུ་བསམ་ཚུལ་བསྡུ་ལེན་འགེང་ཤོག་འདི་བཞིན་དབྱིན་ཇི་སྐད་དང་། སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད། བལ་པོ་སྐད་ནང་དུ་ཡོད་ལ། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་(Cultural Linguistic Services) གིས་སྐད་ཡིག་རོགས་རམ་དང་མཐུན་རྐྱེན་སྦྱོར་འདེགས་བྱེད་ཀྱི་ཡོད། ཚོགས་ཐུན་འདི་དག་ཉིན་མོ་དང་མཚན་མོའི་ལས་ཀའི་དུས་ཚོད་སྐབས་སུ་གོ་སྒྲིག་ཞུ་རྒྱུ་ཡིན་ལ། སྔོན་ཚུད་མིང་ཐོ་འགོད་དགོས་ཀྱི་མེད།

Gordon Dining & Event Center

ཕྱི་ལོ་ ༢༠༢༢

ཟླ་ ༤ ཚེས་ ༢༠

སྔ་དྲོ་ཆུ་ཚོད་ ༩།༠༠

ནས་ ༡༠།༣༠ །

ཞོགས་ཀ་ཆུ་ཚོད་

༨།༤༥ ལ་སྒོ་

འབྱེད་རྒྱུ།

གཞུང་ Public གིས་ Lake & Johnson (lot 46) དང་ Fluno Center Garage (lot 83) དུ་བཀོག་འཇོག་བྱེད་ས་ཡོད་ཚེ་རིན་འབབ་སྤྲོད་རྒྱུ། ཚོགས་ཐུན་སྐབས་སུ་བཀག་འཇོག་བྱེད་ཆོག་འཛིན་ཤོག་པ་སེ་སྤྲོད་རྒྱུ།

Gordon Dining & Event Center

ཕྱི་ལོ་ ༢༠༢༢

ཟླ་ ༤ ཚེས་༢༡

དགོང་མོ་ཆུ་ཚོད་

༨།༠༠ ནས་ ༩།༣༠

དགོང་མོ་ཆུ་ཚོད་

༧།༤༥ ལ་སྒོ་

འབྱེད་རྒྱུ།

གཞུང་ Public གིས་ Lake & Johnson (lot 46) དང་ Fluno Center Garage (lot 83) དུ་བཀོག་འཇོག་བྱེད་ས་ ཡོད་ཚེ་རིན་འབབ་སྤྲོད་རྒྱུ། ཚོགས་ཐུན་སྐབས་སུ་བཀག་འཇོག་བྱེད་ཆོག་འཛིན་ཤོག་པ་སེ་སྤྲོད་རྒྱུ།

བཀག་འཇོག་བྱེད་ས་ Lot 91 དེ་དགོང་དྲོ་ཆུ་ ཚོད་ ༧ ནས་ནམ་གུང་ཆུ་ཚོད་ ༡

བར་སྒོ་ཕྱེས་ཏེ་ཚོགས་ཐུན་ལ་ཡོང་ཆེད་རླངས་འཁོར་བཀག་འཇོག་བྱེད་དུ་འཇུག་རྒྱུ།

བཀག་འཇོག་བྱེད་ས་ Lot 61 དང་ 94 ནི་ Gordon ནས་གོམ་པ་བརྒྱབ་ཚེ་སྐར་མ་ ༥ ནས་ ༦ གི་བར་ཐག་ལས་མེད་ལ། ཕྱི་དྲོ་ཆུ་ཚོད་ ༤།༣༠ ནས་ཞོགས་ཀ་ཆུ་ཚོད་ ༧ བར་ལྟ་སྲུང་བྱེད་ཀྱི་མེད།

Gordon Dining & Event Center

ཕྱི་ལོ་ ༢༠༢༢

ཟླ་ ༤ ཚེས་༢༡

དགོང་མོ་ཆུ་ཚོད་

༡༡།༠༠ ནས་

༡༢།༣༠

དགོང་མོ་ཆུ་ཚོད་

༡༠།༤༥ ལ་སྒོ་

འབྱེད་རྒྱུ།

གཞུང་ Public གིས་ Lake & Johnson (lot 46) དང་ Fluno Center Garage (lot 83) དུ་བཀོག་འཇོག་བྱེད་ས་ཡོད་ཚེ་རིན་འབབ་སྤྲོད་རྒྱུ། ཚོགས་ཐུན་སྐབས་སུ་བཀག་འཇོག་བྱེད་ཆོག་འཛིན་ཤོག་པ་སེ་སྤྲོད་རྒྱུ།

བཀག་འཇོག་བྱེད་ས་ Lot 91 དེ་དགོང་དྲོ་ཆུ་ ཚོད་ ༧ ནས་ནམ་གུང་ཆུ་ཚོད་ ༡

བར་སྒོ་ཕྱེས་ཏེ་ཚོགས་ཐུན་ལ་ཡོང་ཆེད་རླངས་འཁོར་བཀག་འཇོག་བྱེད་དུ་འཇུག་རྒྱུ།

བཀག་འཇོག་བྱེད་ས་ Lot 61 དང་ 94 ནི་ Gordon ནས་གོམ་པ་བརྒྱབ་ཚེ་སྐར་མ་ ༥ ནས་ ༦ གི་བར་ཐག་ལས་མེད་ལ། ཕྱི་དྲོ་ཆུ་ཚོད་ ༤།༣༠ ནས་ཞོགས་ཀ་ཆུ་ཚོད་ ༧ བར་ལྟ་སྲུང་བྱེད་ཀྱི་མེད།

Health Sciences Learning Center

ཕྱི་ལོ་ ༢༠༢༢

ཟླ་ ༤ ཚེས་ ༢༦

དགོང་མོ་ཆུ་ཚོད་

༨།༠༠ ནས་ ༩།༣༠

དགོང་མོ་ཆུ་ཚོད་

༧།༤༥ ལ་སྒོ་

འབྱེད་རྒྱུ།

གཞུང་ Public གིས་ UW Hospital Ramp (lot 75) དུ་བཀོག་འཇོག་བྱེད་ས་ ཡོད་ཚེ་རིན་འབབ་སྤྲོད་རྒྱུ། ཚོགས་ཐུན་སྐབས་སུ་བཀག་འཇོག་བྱེད་ཆོག་འཛིན་ཤོག་པ་སེ་

སྤྲོད་རྒྱུ།

བཀག་འཇོག་བྱེད་ས་ Lot 74 དེ་དགོང་དྲོ་ཆུ་ ཚོད་ ༧ ནས་ནམ་གུང་ཆུ་ཚོད་ ༡ བར་སྒོ་ཕྱེས་ཏེ་ཚོགས་ཐུན་ལ་ཡོང་ཆེད་རླངས་འཁོར་བཀག་འཇོག་བྱེད་དུ་འཇུག་རྒྱུ།

བཀག་འཇོག་བྱེད་ས་Lot 82, 60, 64 རྣམས་ HSLC ནས་གོམ་པ་བརྒྱབ་ཚེ་སྐར་མ་ ༥ ནས་ ༦ གི་བར་ཐག་ལས་མེད་ལ། ཕྱི་དྲོ་ཆུ་ཚོད་ ༤།༣༠ ནས་ཞོགས་ཀ་ཆུ་ཚོད་ ༧ བར་ལྟ་སྲུང་བྱེད་ཀྱི་མེད།

Health Sciences Learning Center

ཕྱི་ལོ་ ༢༠༢༢

ཟླ་ ༤ ཚེས་ ༢༦

དགོང་མོ་ཆུ་ཚོད་

༡༡།༠༠ ནས་

༡༢།༣༠

དགོང་མོ་ཆུ་ཚོད་

༡༠།༤༥ ལ་སྒོ་

འབྱེད་རྒྱུ།

གཞུང་ Public གིས་ UW Hospital Ramp (lot 75) དུ་བཀོག་འཇོག་བྱེད་ས་ ཡོད་ཚེ་རིན་འབབ་སྤྲོད་རྒྱུ། ཚོགས་ཐུན་སྐབས་སུ་བཀག་འཇོག་བྱེད་ཆོག་འཛིན་ཤོག་པ་སེ་

སྤྲོད་རྒྱུ།

བཀག་འཇོག་བྱེད་ས་ Lot 74 དེ་དགོང་དྲོ་ཆུ་ ཚོད་ ༧ ནས་ནམ་གུང་ཆུ་ཚོད་ ༡ བར་སྒོ་ཕྱེས་ཏེ་ཚོགས་ཐུན་ལ་ཡོང་ཆེད་རླངས་འཁོར་བཀག་འཇོག་བྱེད་དུ་འཇུག་རྒྱུ།

བཀག་འཇོག་བྱེད་ས་Lot 82, 60, 64 རྣམས་ HSLC ནས་གོམ་པ་བརྒྱབ་ཚེ་སྐར་མ་ ༥ ནས་ ༦ གི་བར་ཐག་ལས་མེད་ལ། ཕྱི་དྲོ་ཆུ་ཚོད་ ༤།༣༠ ནས་ཞོགས་ཀ་ཆུ་ཚོད་ ༧ བར་ལྟ་སྲུང་བྱེད་ཀྱི་མེད།

Gordon Dining & Event Center

ཕྱི་ལོ་ ༢༠༢༢

ཟླ་ ༤ ཚེས་ ༢༧

ཉིན་རྒྱབ་ཆུ་ཚོད་

༢།༠༠ ནས་ ༣།༣༠

ཉིན་རྒྱབ་ཆུ་ཚོད་

༡།༤༥ ལ་སྒོ་

འབྱེད་རྒྱུ།

གཞུང་ Public གིས་ Lake & Johnson (lot 46) དང་Fluno Center Garage (lot 83) དུ་བཀོག་འཇོག་བྱེད་ས་ཡོད་ཚེ་རིན་འབབ་སྤྲོད་རྒྱུ། ཚོགས་ཐུན་སྐབས་སུ་བཀག་འཇོག་བྱེད་ཆོག་འཛིན་ཤོག་པ་སེ་སྤྲོད་རྒྱུ།

ཚོགས་ཐུན་འདི་དག་གི་ཆེད་དུ་སྤྱི་དམངས་སྐྱེལ་འདྲེན་སྦ་སི།

  • Route 80– ཞོགས་ཀ་ཆུ་ཚོད་ ༦ ནས་མཚན་གུང་བར་ཡོད་པ་དང་། Gordon Commons དང་ HSLCམདུན་དུ་འབབ་ཚིགས་ཡོད་པ།
  • Route 82– ཞོགས་ཀ་ཆུ་ཚོད་ ༧ ནས་མཚན་དཀྱིལ་ཆུ་ཚོད་ ༢ བར་ཡོད་པ་དང་། Gordon Commons འགྲམ་དུ་འབབ་ཚིགས་ཡོད་པ། HSLCལ་གོམ་ཐག་(སྨི་ལེ་ 3 )སྐར་མ་ ༦ ལས་མེད་པའི་ WARF Office དུ་འབབ་ཚིགས་ཡོད་པ།

རྒྱུན་འདྲིའི་དྲི་བ: རྒྱབ་ལྗོངས།

This is an accordion element with a series of buttons that open and close related content panels.

བསམ་ཚུལ་བསྡུ་ལེན་འདིའི་དམིགས་ཡུལ་ཅི་ཡིན་ནམ།

ལས་བྱེད་ཀྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་ (Staff Climate Survey) ཀྱིས་སློབ་གྲྭའི་འགོ་ཁྲིད་རྣམ་པར་སློབ་གྲྭའི་གནས་སྟངས་ཐད་ཀྱི་ལྟ་ཚུལ་དང་། རྒྱབ་ལྗོངས་དང་ངོ་རྟགས་མི་འདྲ་བའི་མི་ཚོས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)དུ་མྱོང་ཚོར་ཇི་འདྲ་ཡོད་པ་ཤེས་རྟོགས་བྱ་རྒྱུར་རོགས་ཕན་བྱེད་ཐུབ། བསམ་ཚུལ་བསྡུ་ལེན་གྱི་ལན་འདེབས་གྲུབ་འབྲས་ཀྱིས་ང་ཚོས་ཡག་པོ་བསྒྲུབ་བཞིན་པ་ཅི་ཞིག་ཡིན་པ་དང་ཇེ་ལེགས་སུ་གཏོང་ཐུབ་པ་ཅི་ཞིག་ཡིན་པ་སྟོན་འབུལ་བྱེད་ཐུབ།

བསམ་ཚུལ་བསྡུ་ལེན་འདིས་ད་དུང་སློབ་གྲྭར་བསྡུས་པའི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་མང་པོ་ཞིག་བསམ་ཚུལ་བསྡུ་ལེན་གཅིག་གི་ཁོངས་སུ་ཟླ་སྒྲིལ་བྱེད་ཅིང་། དེ་ཡིས་སློབ་གྲྭ་དང་། སློབ་གླིང་། སྡེ་ཁག་(schools, colleges and divisions)རྣམས་ཀྱི་འཛིན་སྐྱོང་གི་ལས་འགན་ཡང་དུ་གཏོང་ཐུབ་པ་དང་། བསམ་ཚུལ་བསྡུ་ལེན་གཅིག་ཏུ་བསྒྲིལ་ཐུབ་ཚེ་ང་ཚོས་གཙུག་ལག་སློབ་ཆེན་ཁྱོན་ཡོངས་སུ་གནས་ཚུལ་རྣམས་ཞིབ་བསྡུར་བྱེད་ཆོག

བསམ་ཚུལ་བསྡུ་ལེན་ནང་གི་ལས་ཀའི་གནས་སྟངས་ (climate) ཞེས་པའི་གོ་དོན་ཅི་ཡིན་ནམ།

ལས་བྱེད་བསམ་ཚུལ་བསྡུ་ལེན་འདིར། “ལས་ཀའི་གནས་སྟངས་ (climate)” ཞེས་པ་ནི་ལས་ཀ་བྱ་ཡུལ་ཁོར་ཡུག་གི་གནས་ཚུལ་སྤྱི་ དང་། ད་དུང་ཁྱེད་ཀྱི་ལས་ཀའི་རུ་ཁག ཁྱེད་ཀྱི་ལྟ་རྟོག་པའི་བར་གྱི་འབྲེལ་བ་སོགས་ལ་གོ་དགོས།

བསམ་ཚུལ་བསྡུ་ལེན་འདི་སུས་བཟོ་འདོན་བྱས་པ་ཡིན་ནམ།

བསམ་ཚུལ་བསྡུ་ལེན་འདི་ཉིད་ Office of the Provost དང་ Office of the Vice Chancellor for Finance and Administrationགཉིས་མཉམ་རུབ་ཀྱིས་བསྒྲུབས་པ་ཞིག་ཡིན་ལ། དྲི་བ་རྣམས་སློབ་གྲྭའི་ Office of the Provost, Office of the Vice Chancellor for Finance and Administration, the Division of Diversity, Equity & Educational Achievement, Office of Human Resources, the UW Survey Center, and the Women in Science & Engineering Leadership Institute.

ལས་ཁུངས་བཅས་ཀྱི་ངོ་ཚབ་ཡོད་པའི་ལས་དོན་ཚོགས་ཆུང་གིས་བཏོན།

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་(UW Survey Center) ཇི་འདྲ་ཞིག་ཡིན་ནམ།

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་(UW Survey Center)ནི་རིག་གནས་སློབ་གཉེར་ཐད་ལ་བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་བྱེད་པར་བྱས་རྗེས་གཟེངས་ཐོན་ཆེ་བའི་ལྟེ་གནས་ཤིག་ཡིན། UWSC ཡིས་ཕྱི་ལོ་ ༡༩༨༧ ལ་ལས་ཁུངས་གསར་འཛུགས་བྱས་པ་ནས་བཟུང་བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་ལས་དོན་དང་འབྲེལ་བའི་བརྟག་ཞིབ་སྟོང་ཕྲག་ལྷག་གནང་མྱོང་བ་མ་ཟད། སློབ་གྲྭ་སྤྱི་དང་ལས་ཁུངས་རིམ་པའི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་དང་། དབུས་གཞུང་གི་མ་དངུལ་ནར་གཏོང་བསམ་ཚུལ་བསྡུ་ལེན་ལས་གཞི། སྡེ་ཚན་དང་སློབ་གླིང་རིམ་པའི་བསམ་ཚུལ་བསྡུ་ལེན་བཅས་ཚུད་པའི་ཆེས་གནད་འགག་ཅན་གྱི་གནས་ཚུལ་བསྡུ་རུབ་ཀྱི་ལས་འགན་བསྒྲུབ་ཀྱི་ཡོད།

UWSC ནི་གསང་རྒྱ་ཉར་སྲུང་བྱེད་པའི་ཐད་མིང་གྲགས་ཡོད་པ་དང་། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་འཛིན་སྐྱོང་ཚན་པར་ངོ་རྟགས་ཆོད་བྱེད་གནས་ཚུལ་སྤྲོད་འབུལ་བྱེད་ཀྱི་མེད། དེ་མ་ཟད་UWSC ལས་བྱེད་ཡོངས་ཀྱིས་UWSC ནས་གསང་རྒྱའི་གནས་ཚུལ་ཕྱིར་སྒྲོག་མི་བྱེད་པའི་ཚིག་བརྗོད་བྲིས་ཏེ་གསང་ཉར་གན་རྒྱར་མཚན་རྟགས་བྲིས་པ་དང་། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་ཀྱི་གསང་རྒྱ་དང་འབྲེལ་བའི་སྲིད་ཇུས་དང་ཚད་གཞི་རྣམས་ལས་ཁུངས་རང་ཉིད་ཀྱི་དྲ་ཚིགས་ཐོག་བཀོད་ཡོད།

ངས་ཉེ་ཆར་སློབ་གྲྭའི་ཞབས་ཞུའི་སྐོར་ལ་ངའི་མྱོང་ཚོར་དང་འབྲེལ་བའི་བསམ་ཚུལ་བསྡུ་ལེན་ཞིག་འགེང་འབུལ་བྱས་ཡོད་པ་མ་རེད་དམ།

གཙུག་ལག་སློབ་གཉེར་འགན་འཛིན་ provost དང་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་(vice chancellor for finance and administration) ཡིག་ཚང་གིས་ཉེ་ཆར་འཛིན་སྐྱོང་སྤུས་ཚད་འདོད་བློ་ཁེངས་མིན་བརྟག་ཞིབ་ Administrative Quality Satisfaction Survey (AQSS) བྱས་ཡོད། འཛིན་སྐྱོང་སྤུས་ཚད་འདོད་བློ་ཁེངས་མིན་བརྟག་ཞིབ་ AQSS དེ་ཕྱི་ཟླ་གཉིས་པའི་ཟླ་མཇུག་ལ་མཇུག་སྒྲིལ་བྱས་ཞིང་། དེ་ཡང་མཉམ་ཞུགས་བྱེད་མི་ཚོར་འཛིན་སྐྱོང་ལས་དོན་རྣམ་གྲངས་བརྒྱད་ཀྱི་ཐད་མྱོང་ཚོར་ཅི་བྱུང་དྲི་བ་འདྲི་བས་ཁྱོན་ནས་མི་འདྲ་བའི་བསམ་ཚུལ་བསྡུ་ལེན་གཞན་ཞིག་ཡིན། ཕྱི་ལོ་ ༢༠༢༢ལས་བྱེད་ཀྱི་ལས་ཀའི་གནས་སྟངསབསམ་ཚུལ་བསྡུ་ལེན(Staff Climate Survey) ནང་དུ་ཁྱེད་ཀྱི་ལས་ཀ་བྱ་ཡུལ་ཁོར་ཡུག་དང་། ལས་ཀའི་རུ་ཁག ཁྱེད་དང་ལྟ་རྟོག་པའི་བར་གྱི་འབྲེལ་བ་སོགས་འཁོད་ཡོད། ཁྱེད་ཀྱིས་འཛིན་སྐྱོང་སྤུས་ཚད་འདོད་བློ་ཁེངས་མིན་བརྟག་ཞིབ་ AQSS ལ་ཞུགས་ཡོད་མེད་ལ་མ་བལྟས་པར་ཕྱི་ལོ་ ༢༠༢༢ ལས་བྱེད་ཀྱི་ལས་ཀའི་གནས་སྟངསབསམ་ཚུལ་བསྡུ་ལེནའགེང་འབུལ་བྱས་ཏེ་སློབ་གྲྭའི་འགོ་ཁྲིད་རྣམ་པར་སློབ་གྲྭའི་གནས་སྟངས་ཐད་ཀྱི་ལྟ་ཚུལ་དང་། རྒྱབ་ལྗོངས་དང་ངོ་རྟགས་མི་འདྲ་བའི་མི་ཚོས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)དུ་མྱོང་ཚོར་ཇི་འདྲ་ཡོད་པ་ཤེས་རྟོགས་བྱ་རྒྱུར་རོགས་ཕན་བྱེད་ཐུབ།

མཉམ་ཞུགས་དང་ཁོངས་ཚུད། རིས་མེད་སྣ་འཛོམས་(EID) ཀྱི་བསམ་ཚུལ་བསྡུ་ལེན་ལ་ཅི་ཞིག་བྱུང་ངམ།

ལས་བྱེད་ཀྱི་ལས་ཀའི་གནས་སྟངསབསམ་ཚུལ་བསྡུ་ལེན(Staff Climate Survey) འདི་ཕྱི་ལོ་ ༢༠༢༢ ལས་བྱེད་ཀྱི་མཉམ་ཞུགས་དང་ཁོངས་ཚུད།རིས་མེད་སྣ་འཛོམས་(EID) ཀྱི་བསམ་ཚུལ་བསྡུ་ལེན་གྱི་ཚབ་ཡིན། མཉམ་ཞུགས་དང་ཁོངས་ཚུད། རིས་མེད་སྣ་འཛོམས་(EID) ཀྱི་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱས་མྱོང་མཁན་ལས་བྱེད་ཚོས་ལས་བྱེད་ཀྱི་ལས་ཀའི་གནས་སྟངསབསམ་ཚུལ་བསྡུ་ལེན་ནང་དུ་གཅིག་མཚུངས་དྲི་བ་མང་པོ་མཐོང་ཐུབ་ལ། དྲི་བ་གཅིག་མཚུངས་(ཡང་ན་འདྲ་མཚུངས་) སྤྱད་པས་དཔལ་འབྱོར་དང་འཛིན་སྐྱོང་ཚན་པར་དུས་ནས་དུས་ཀྱི་འགྱུར་ལྡོག་འཚོལ་ཞིབ་དང་འཕེལ་རྒྱས་ཚད་འཇལ་བྱེད་དུ་འཇུག ད་ལོར་མཉམ་ཞུགས་དང་ཁོངས་ཚུད། རིས་མེད་སྣ་འཛོམས་(EID) ཀྱི་བསམ་ཚུལ་བསྡུ་ལེན་ལ་ལན་འདེབས་བྱེད་རྩིས་ཡོད་པའི་ལས་བྱེད་རྣམ་པས་ལས་བྱེད་ཀྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་(Staff Climate Survey) འགེང་འབུལ་བྱེད་དགོས།

དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་ཡིག་ཚང་(Office of the Vice Chancellor for Finance and Administration)གིས་ཕྱི་ལོ་ ༢༠༡༢ ལ་མཉམ་ཞུགས་དང་ཁོངས་ཚུད། རིས་མེད་སྣ་འཛོམས་(EID) ཀྱི་བསམ་ཚུལ་བསྡུ་ལེན་འགོ་འཛུགས་གནང་ཡོད། ལས་བཅར་འབྱོར་བརྡ་འབུལ་དགོས་ཚན་པའི་ལས་བྱེད་ཚོར་ཕྱི་ལོ་ ༢༠༢༠ བར་དུ་ལོ་གཉིས་རེའི་མཚམས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་པའི་གོ་སྐབས་ཐོབ་ཡོད།  དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པ་ཡིས་སྔར་བཞིན་མཉམ་ཞུགས་དང་ཁོངས་ཚུད། རིས་མེད་སྣ་འཛོམས་(EID) ཀྱི་རྩ་དོན་སྲུང་འཛིན་དང་ལས་བྱེད་ཡོངས་ཀྱི་ལས་ཀའི་ཉམས་མྱོང་ལེགས་བཅོས་གཏོང་རྒྱུར་འབད་བརྩོན་གནང་འདོད་ཡོད།

ཁྱེད་ཀྱིས་མི་འབོར་དང་ངའི་ངོ་རྟགས་སྐོར་གྱི་དྲི་བ་གཞན་པ་འདྲི་དོན་ཅི་ཡིན་ནམ།

རྒྱང་རིང་ལས་ཀ་བྱེད་ཕྱོགས་སྲིད་ཇུས་སོགས་འཁོད་ཡོད། བསམ་ཚུལ་བསྡུ་ལེན་འགེང་ཤོག་མཇུག་ཏུ་ཡོད་པའི་མི་འབོར་ཞིབ་བཤེར་སྐོར་གྱི་དྲི་བ་དག་གིས་གྲངས་འབོར་ཤེས་རྟོགས་དང་ངོ་རྟགས་ངོས་འཛིན་བྱེད་ཕྱོགས་རྒྱུས་ལོན་བྱ་རྒྱུར་འབྲེལ་ཆགས་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ། བསམ་ཚུལ་བསྡུ་ལེན་ནང་གི་དྲི་བ་ཡོངས་ལ་ལན་འདེབས་བྱེད་དང་མི་བྱེད་རང་མོས་ཡིན།

རྒྱུན་འདྲིའི་དྲི་བ: མཉམ་ཞུགས།

This is an accordion element with a series of buttons that open and close related content panels.

བསམ་ཚུལ་བསྡུ་ལེན་འདི་གསང་རྒྱ་ཡིན་ནམ།

གསང་རྒྱ་ཡིན། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་(UW Survey Center)ཀྱིས་བསམ་ཚུལ་བསྡུ་ལེན་འདི་བྱེད་ཀྱི་ཡོད་པ་དང་ཁྱེད་ཀྱིས་དྲ་ཐོག་གམ་ཤོག་ངོས་ནས་འགེང་འབུལ་བྱེད་མིན་ལ་མ་བལྟས་པར་གསང་རྒྱ་དམ་པོ་ཡོང་བའི་བྱེད་ཐབས་སྤྱོད་ཀྱི་ཡོད། ཁྱེད་ཀྱི་ལྟ་རྟོག་པ་དང་། ལས་རོགས། སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་ཁྱེད་ཀྱི་མིང་དང་འབྲེལ་བའི་ལན་འདེབས་རྣམས་གཏན་ནས་མཐོང་གི་མེད། ཁྱེད་ཀྱི་ལན་འདེབས་རྣམས་ལས་བྱེད་གཞན་པ་རྣམས་ཀྱི་དེ་དང་གཅིག་ཏུ་བསྲེས་ཀྱི་ཡོད་པས་ཁྱེད་ཀྱི་ངོ་རྟགས་ཆོད་མི་ཐུབ། ལན་འདེབས་བྱེད་མཁན་ ༡༠ ལས་ཉུང་བའི་སྡེ་ཁག་གི་བསམ་ཚུལ་བསྡུ་ལེན་གྱི་ལན་འདེབས་གྲུབ་འབྲས་རྣམས་རྗེས་འབྲེལ་ཆེས་མཐོའི་སྒྲིག་འཛུགས་རིམ་པའི་ཁོངས་སུ་བཅུག་སྟེ་ཁྱེད་ཀྱི་ངོ་རྟགས་སྲུང་སྐྱོབ་བྱེད་ཀྱི་ཡིན། ཁྱེད་ཀྱི་ངོ་རྟགས་ཕྱིར་གྱར་བྱེད་སྲིད་པའི་ལག་བྲིས་ལན་འདེབས་རྣམས་གཞན་ལ་སྟོན་འབུལ་མི་བྱེད།

བསམ་ཚུལ་བསྡུ་ལེན་འདིར་མི་སུ་ཞུགས་ཆོག་གམ།

གཏན་འཇགས་རིག་གནས་ལས་བྱེད་ཚན་པ་ (academic staff) དང་གཙུག་ལག་སློབ་ཆེན་ལས་བྱེད་ཚན་པ་ (university staff) གཉིས་ཀྱི་ལས་བྱེད་དང་། དགེ་རྒན་ལས་གནས་མིན་པའི་དུས་ཐུང་འཕྲལ་སེལ་བསྐོ་བཞག་ལས་བྱེད (limited appointees) ། འབུམ་རམས་པ་སློབ་ཐོན་རྗེས་ (post-docs) ཀྱི་ལས་བྱེད་ངོ་གྲངས་ ༡༦༨༠༠ ལྷག་གིས་བསམ་ཚུལ་བསྡུ་ལེན་ འདིར་མཉམ་ཞུགས་བྱེད་ཆོག

བསམ་ཚུལ་བསྡུ་ལེན་འདི་འགེང་འབུལ་བྱེད་པར་དུས་ཡུན་ཇི་ཙམ་དགོས་སམ།

ཕལ་ཆེར་སྐར་མ་ ༡༥ ཙམ་ལས་མི་དགོས། ཁྱེད་ཀྱིས་བསམ་ཚུལ་བསྡུ་ལེན་འདི་དུས་ཐེངས་གཅིག་ལ་ཚར་བ་བྱེད་མི་ཐུབ་ཚེ། ལན་བཏབ་པ་རྣམས་གནས་སྐབས་གསོག་ཉར་བྱས་ཏེ་རྗེས་སུ་མཇུག་སྐྱོང་བྱེད་ཆོག

ངས་བསམ་ཚུལ་བསྡུ་ལེན་འདི་འགེང་འབུལ་བྱེད་དགོས་ཀྱི་ཡོད་དམ།

བྱེད་མི་དགོས། ཁྱེད་ལ་བསམ་ཚུལ་བསྡུ་ལེན་འདིར་ཞུགས་དགོས་པའི་བླང་བྱ་བཏོན་མེད། ཡིན་ནའང་ཁྱེད་ཀྱིས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ལ་ལན་འདེབས་གནང་བའི་རེ་བ་ཡོད། བསམ་ཚུལ་བསྡུ་ལེན་འདི་ནི་ཁྱེད་ཀྱི་ལས་ཀའི་ཉམས་མྱོང་སྐོར་ཞིབ་བརྗོད་བྱེད་པའི་གོ་སྐབས་ཤིག་ཡིན་ལ། ལན་འདེབས་བྱེད་མཁན་ཅི་ཙམ་གྱིས་མང་བ་དེ་སྲིད་ཀྱིས་ལས་ཆོད་དོན་སྙིང་ཆེན་པོ་ཡོད། ང་ཚོས་ཁྱེད་ཀྱི་བསམ་ཚུལ་ལ་བརྩི་མཐོང་བྱེད་ཅིང་དེ་ཡིས་ང་ཚོའི་ལས་ཀ་བྱ་ཡུལ་གྱི་གནས་སྟངས་ཇེ་ལེགས་གཏོང་རྒྱུའི་ཐད་ཐག་གཅོད་ཡག་པོ་བྱེད་པར་ཕན་ཐོགས་ཡོད།

ངས་གནས་ཚུལ་གསལ་རྟོགས་ཆེད་དུ་སུ་ལ་འབྲེལ་བ་བྱེད་དགོས་སམ།

བསམ་ཚུལ་བསྡུ་ལེན་འདིའི་འཕྲུལ་རྩལ་སྐོར་ལ་དྲི་བ་ཡོད་ཚེ། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་ལས་འཆར་འགན་འཛིན་ (UW Survey Center Project Director)Nadia Assad ལ་གློག་འཕྲིན་ assad@wisc.edu ཐོག་འབྲེལ་བ་གནང་རོགས།

བསམ་ཚུལ་བསྡུ་ལེན་འདིའི་དམིགས་ཡུལ་དང་བེད་སྤྱོད་བྱེད་ཕྱོགས་ལྟ་བུའི་སྤྱིར་བཏང་གནས་ཚུལ་ཐད་དྲི་བ་ཡོད་ཚེ། བསམ་ཚུལ་བསྡུ་ལེན་འཆར་འགོད་ཚོགས་ཆུང་ལ་གློག་འཕྲིན་ staffclimatesurvey@wisc.eduཐོག་འབྲེལ་བ་གནང་རོགས།

ངས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་པར་རོགས་རམ་གང་ནས་ཞུ་དགོས་སམ།

ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱ་ཆེད་མི་དངོས་ངོ་སྐྱོད་བྱེད་སའི་ཚོགས་ཐུན་ས་ཆ་དང་དུས་ཚོད་གོ་སྒྲིག་ཡོད། ཚོགས་ཐུན་འདི་དག་སྐབས་སུ་བསམ་ཚུལ་བསྡུ་ལེན་འགེང་ཤོག་འདི་བཞིན་དབྱིན་ཇི་སྐད་དང་། སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད། བལ་པོ་སྐད་ནང་དུ་ཡོད་ལ། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་(Cultural Linguistic Services) གིས་སྐད་ཡིག་རོགས་རམ་དང་མཐུན་རྐྱེན་སྦྱོར་འདེགས་བྱེད་ཀྱི་ཡོད། ཚོགས་ཐུན་འདི་དག་ཉིན་མོ་དང་མཚན་མོའི་ལས་ཀའི་དུས་ཚོད་སྐབས་སུ་གོ་སྒྲིག་ཞུ་རྒྱུ་ཡིན་ལ། སྔོན་ཚུད་མིང་ཐོ་འགོད་དགོས་ཀྱི་མེད།

ང་ནི་སློབ་མ་ཞིག་ཡིན། ང་བསམ་ཚུལ་བསྡུ་ལེན་འདིར་མཉམ་ཞུགས་བྱེད་མི་ཆོག་པ་ཅི་ཡིན་ནམ།

སློབ་ཕྲུག་རྣམས་ཕྱི་ལོ་ ༢༠༢༡ སྟོན་ཁའི་སློབ་ཕྲུག་གི་སློབ་གྲྭའི་གནས་སྟངས་བསམ་ཚུལ་བསྡུ་ལེན་ (Student Campus Climate Survey) ལ་ཞུགས་རྒྱུར་གདན་འབོད་ཞུས་ཡོད། སློབ་ཕྲུག་ངོ་གྲངས་ ༡༣༠༠༠ ལྷག་གིས་སློབ་གྲྭ་དང་འབྲེལ་བའི་ ཁོ་ཚོའི་བསམ་ཚུལ་དང་། ཉམས་མྱོང་། སེམས་འཚབ་རྣམས་འདོན་འབུལ་བྱས་ཡོད། སློབ་ཕྲུག་བསམ་ཚུལ་བསྡུ་ལེན་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དང་། ལན་འདེབས་གྲུབ་འབྲས། རྙེད་དོན་གཙོ་བོ། གྲོས་འཆར་བཅས་ཤེས་རྟོགས་གནང་རྒྱུ།

ང་ནི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་དགེ་རྒན་ཞིག་ཡིན། ངས་ངའི་མྱོང་ཚོར་ཇི་ལྟར་བཤད་དགོས་སམ།

དགེ་རྒན་གྱི་ལས་ཀའི་འཚོ་བར་བརྟག་ཞིབ་ Study of Faculty Worklife ནི་དགེ་རྒན་གྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་རྒྱས་པ་ཞིག་ཡིན། སྐབས་བདུན་པའི་བསམ་ཚུལ་བསྡུ་ལེན་ད་ལྟ་བྱེད་བཞིན་ཡོད། ཁྱེད་ལ་རང་གི་ནང་ཁྱིམ་ཁ་བྱང་དུ་བསམ་ཚུལ་བསྡུ་ལེན་གྱི་ངོ་བཤུས་ཤིག་འབྱོར་ཡོད་ངེས། དགེ་རྒན་བསམ་ཚུལ་བསྡུ་ལེན་སྐོར་གྱི་གནས་ཚུལ་ཞིབ་ཕྲའམ་རོགས་རམ་ཆེད་དུ་Jennifer Sheridan ལ་འབྲེལ་བ་གནང་རོགས།

རྒྱུན་འདྲིའི་དྲི་བ: བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་པ།

This is an accordion element with a series of buttons that open and close related content panels.

ང་ལ་ཕྱི་ལོ་ ༢༠༢༢ ལས་བྱེད་ཀྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ཇི་ལྟར་རེག་གི་ཡོད་དམ།

བསམ་ཚུལ་བསྡུ་ལེན་འདི་བཞིན་དྲ་ཐོག་དང་ཤོག་ངོས་གཉིས་ཀར་ཡོད། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་(UW Survey Center) ཀྱིས་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བསམ་ཚུལ་བསྡུ་ལེན་ལ་ཞུགས་ཆོག་ཆ་རྐྱེན་ཚང་མཁན་ལས་བྱེད་ཡོངས་ལ་བསམ་ཚུལ་བསྡུ་ལེན་འགེང་ཤོག་དྲ་ཐག་ཡོད་པའི་གློག་འཕྲིན་ཞིག་བསྐུར་ཡོང་ངེས། ལས་ཀའི་ཆེད་དུ་ཀམ་པུ་ཊར་རྒྱུན་སྤྱོད་མི་བྱེད་པའམ་དྲ་ཐོག་ནས་བསམ་ཚུལ་བསྡུ་ལེན་ལ་ཞུགས་རྒྱུར་བདེ་བོ་མེད་པའི་ལས་བྱེད་ཀུན་གྱིས་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ འབུལ་བྱེད་ཆོག དྲ་ཐོག་དང་ཤོག་ངོས་བསམ་ཚུལ་བསྡུ་ལེན་གཉིས་ཀ་དབྱིན་ཇི་སྐད་དང་། སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད། བལ་པོ་སྐད་ནང་དུ་ཡོད།

ངས་དྲ་ཐོག་མ་ཡིན་པར་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ལ་ལན་འདེབས་བྱེད་ཆོག་གམ།

ལས་བྱེད་ཚོས་ཕྱི་ཟླ་ ༤ ཚེས་ ༢༠ དང་། ༢༡། ༢༦། ༢༧ ཉིན་གོ་སྒྲིག་ཞུ་རྒྱུའིམི་དངོས་ངོ་སྐྱོད་རོགས་བྱེད་ཚོགས་ཐུན་དུ་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་ཆོག (གཤམ་གྱི་ “རོགས་རམ་འཕར་མ་Additional Support” ཞེས་པའི་ཚན་པ་ནས་ཚོགས་ཐུན་ས་གནས་དང་དུས་ཚོད་ལ་གཟིགས་རྒྱུ) ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱ་ཆེད་མི་དངོས་ངོ་སྐྱོད་བྱེད་སའི་ཚོགས་ཐུན་ས་ཆ་དང་དུས་ཚོད་གོ་སྒྲིག་ཡོད། ཚོགས་ཐུན་འདི་དག་སྐབས་སུ་བསམ་ཚུལ་བསྡུ་ལེན་འགེང་ཤོག་དབྱིན་ཇི་སྐད་དང་། སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད། བལ་པོ་སྐད་ནང་དུ་ཡོད་ལ། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་(Cultural Linguistic Services) གིས་སྐད་ཡིག་རོགས་རམ་དང་མཐུན་རྐྱེན་སྦྱོར་འདེགས་བྱེད་ཀྱི་ཡོད། ཚོགས་ཐུན་འདི་དག་ཉིན་མོ་དང་མཚན་མོའི་ལས་ཀའི་དུས་ཚོད་སྐབས་སུ་གོ་སྒྲིག་ཞུ་རྒྱུ་ཡིན་ལ། སྔོན་ཚུད་མིང་ཐོ་འགོད་དགོས་ཀྱི་མེད།

ང་ཚོར་ཀམ་པུ་ཊར་རྒྱུན་སྤྱོད་བྱེད་མཁན་ལས་བྱེད་རྣམས་ཀྱིས་དྲ་ཐོག་ནས་བསམ་ཚུལ་བསྡུ་ལེན་འགེང་ཤོག་འགེང་འབུལ་བྱེད་པའི་རེ་བ་ཡོད་ལ། དེ་ལྟར་ང་ཚོས་སྟབས་བདེའི་ཐོག་ནས་ཁྱེད་ཀྱི་ལན་འདེབས་བསྡུ་རུབ་བྱེད་ཐུབ་པ་མ་ཟད་རྙེད་དོན་རྣམས་མྱུར་དུ་གསལ་བསྒྲགས་བྱེད་ཐུབ།

ངའི་ལས་ཀའི་དུས་ཚོད་སྐབས་སུ་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་ཆོག་གམ།

བྱེད་ཆོག ལྟ་རྟོག་པ་ཚོས་གུ་ཡངས་གནང་སྟེ་ལས་བྱེད་རྣམས་ལ་ལས་ཀའི་སྐབས་དང་ཕོགས་ཡོད་ངོ་བོའི་ཐོག་ནས་བསམ་ཚུལ་བསྡུ་ལེན་ལ་མཉམ་ཞུགས་གནང་དུ་འཇུག་དགོས། དེ་ཡང་སློབ་གྲྭའི་ཀམ་པུ་ཊར་ཚོད་ལྟ་ཁང་ Infolab ངམ་ཡང་ན་མི་དངོས་ངོ་སྐྱོད་རོགས་འདེགས་ཚོགས་ཐུན་ས་ཆར་འགྲོ་འོང་བྱེད་པའི་དུས་ཚོད་ཀྱང་སྤྲོད་དགོས།

བསམ་ཚུལ་བསྡུ་ལེན་འདི་སྐད་ཡིག་སྣ་མང་ནང་དུ་ཡོད་དམ།

ཡོད། དྲ་ཐོག་དང་ཤོག་ངོས་བསམ་ཚུལ་བསྡུ་ལེན་གཉིས་ཀ་དབྱིན་ཇི་སྐད་དང་། སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད། བལ་པོ་སྐད་ནང་དུ་ཡོད།

ང་རོགས་བྱེད་ཚོགས་ཐུན་ལ་འགྲོ་མི་ཐུབ་ཚེ་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ཇི་ལྟར་ལེན་དགོས་སམ།

ཁྱེད་རང་རོགས་བྱེད་ཚོགས་ཐུན་འདི་དག་གང་རུང་ལ་ཞུགས་ཐུབ་མེད་ཚེ། ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་ནས་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་དགོས་སྐོར་རེ་སྐུལ་ཞུ་ཆོག རེ་སྐུལ་ཞུས་རྗེས་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ཁྱེད་ཀྱི་ནང་ཁྱིམ་ཁ་བྱང་ཐོག་ཏུ་བསྐུར་ཡོང་ངེས།

  • གློག་འཕྲིན། staffclimatesurvey@wisc.edu
  • ཁ་པར།
    • དབྱིན་ཇི་སྐད /ENGLISH: (608) 265-2257
    • སི་པན་སྐད / SPANISH: (608) 265-0838
    • མོང་སྐད / HMONG: (608) 263-2217
    • བོད་ཡིག / TIBETAN: (608) 890-2545
    • རྒྱ་ནག་སྐད / CHINESE: (608) 890-2628
    • བལ་པོ་སྐད / NEPALI: (608) 262-7521

ངས་དྲ་ཐོག་གི་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་པར་དྲ་ཐག་ཅི་ཞིག་སྤྱོད་དགོས་སམ།

ཁྱེད་ཀྱིས་ངེས་པར་དུ་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་(UW Survey Center)ཀྱིས་སྤྲད་པའི་དྲ་ཐག་སྤྱོད་དགོས། ཁྱེད་ལ་ཕྱི་ཟླ་ ༤ ཚེས་ ༡༢ རེས་གཟའ་མིག་དམར་ཉིན་སློབ་གྲྭའི་གློག་འཕྲིན་ནང་དུ་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་པར་མགྲོན་བརྡ་ཞིག་(དྲ་ཐག་ཀྱང་ཡོད) འབྱོར་ཡོང་བའམ་འབྱོར་ཡོད་དགོས། ཁྱེད་ཀྱིས་གློག་འཕྲིན་ནང་དུ་ལས་བྱེད་ཀྱི་ལས་ཀའི་བསམ་ཚུལ་བསྡུ་ལེན་ Staff Climate Survey” ཞེས་པ་བཙལ་ཚེ་དེ་རྙེད་ཐུབ།

ངས་ངའི་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ཕྱིར་སློག་ཇི་ལྟར་བྱེད་དགོས་སམ།

ཁྱེད་ཀྱིས་རོགས་བྱེད་ཚོགས་ཐུན་ས་ཆར་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་འབུལ་བྱེད་ཆོག གལ་ཏེ་ཁྱེད་ཀྱིས་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་ཁྱེད་ཀྱི་ནང་ཁྱིམ་ཁ་བྱང་དུ་བསྐུར་རྒྱུའི་རེ་སྐུལ་ཞུས་ཚེ། དེའི་མཉམ་དུ་སྦྲག་ཐམ་སྦྱར་བའི་ཕྱིར་སློག་བྱེད་ཆོག་ཡིག་སྐོགས་གཅིག་ཡོད་པས་རྒྱུན་ལྡན་ཨ་རི་སྦྲག་ཁང་ United States Postal Service གང་རུང་ནས་ཕྱིར་བསྐུར་བྱེད་ཆོག

གལ་ཏེ་ཁྱེད་ཀྱིས་རོགས་བྱེད་ཚོགས་ཐུན་ས་ཆར་ཁྱེད་ཀྱི་བསམ་ཚུལ་བསྡུ་ལེན་འགེང་ཤོག་ཚར་བ་བྱེད་མི་ཐུབ་པའམ་སྦྲག་ཐམ་སྦྱར་བའི་ཕྱིར་སློག་བྱེད་ཆོག་ཡིག་སྐོགས་མི་རྙེད་ཚེ། འབྲི་འགེང་བྱས་ཚར་བའི་ཤོག་ངོས་བསམ་ཚུལ་བསྡུ་ལེན་འགེང་ཤོག་དེ་སློབ་གྲྭའི་ས་ཁུལ་གྱི་ཡིག་སྒམ་བརྒྱད་པོ་གང་རུང་ཞིག་ནས་བསྐུར་སྤྲོད་བྱེད་ཆོག ཡིག་སྒམ་དེ་དག་གཤམ་གྱི་ས་ཁུལ་ཁག་ཏུ་ཡོད།

  • 21 N. Park OHR Lobby, Suite 5101; Monday–Friday, 7:45 a.m.–4:30 p.m.
  • Apartment Facilities Office, 2902 Haight Road; Monday–Friday, 7:00 a.m.–3:30 p.m.
  • Bascom Hall, University Staff Shared Governance Leadership Office, Room 271; Monday–Friday, 7:45 a.m.–4:30 p.m.
  • Gordon Dining and Culinary Service Admin Office, Room B116A; Monday-Friday, 8:00–10:00 a.m. and 11:00 a.m.–2:00 p.m.
  • Health Sciences Learning Center, Classroom and AV Support Office, Room 1240; Monday–Friday, 7:00 a.m.–5:00 p.m.
  • Helen C. White College Library; Sunday, opens at 11:00 a.m., begin 24 hours; Monday– Thursday, open 24 hours; Friday, closes at 11:00 p.m.; Saturday, 11:00 a.m.–11:00 p.m.
  • Turner Hall Facilities Office, Room B103; Monday–Friday, 7:45 a.m.–4:30 p.m.
  • Union South Information Desk; Daily, 8:00 a.m.–7:00 p.m.

རྒྱུན་འདྲིའི་དྲི་བ: རེ་ལྟོས།

This is an accordion element with a series of buttons that open and close related content panels.

རིམ་པ་རྗེས་མར་ཅི་ཞིག་བྱེད་རྩིས་ཡོད་དམ།

ང་ཚོས་ཕྱི་ལོ་ ༢༠༢༢ དབྱར་ཁར་ལན་འདེབས་གྲུབ་འབྲས་ལ་དབྱེ་ཞིབ་བྱས་ཏེ་ཕྱི་ལོ་ ༢༠༢༢ སྟོན་ཁར་དེ་དག་གསལ་བསྒྲགས་ བྱེད་ངེས།

བསམ་ཚུལ་བསྡུ་ལེན་བསྐྱར་དུ་བྱེད་རྩིས་ཡོད་དམ།

ང་ཚོས་ལོ་ངོ་གཉིས་རེའམ་གསུམ་རེའི་མཚམས་ལས་བྱེད་ཀྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་བྱེད་འཆར་ཡོད། ཐེངས་རྗེས་ མའི་བསམ་ཚུལ་བསྡུ་ལེན་འགོ་འཛུགས་མ་བྱེད་སྔོན་ལ་གནས་ཚུལ་ཞིབ་ཕྲའི་ཆེད་ཁྱེད་ཚོར་འབྲེལ་བ་བྱེད་ངེས།

དྲི་བ་གཞན་པ།

བསམ་ཚུལ་བསྡུ་ལེན་འདིའི་འཕྲུལ་རྩལ་སྐོར་ལ་དྲི་བ་ཡོད་ཚེ། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལས་ཁུངས་ལས་འཆར་འགན་འཛིན་ (UW Survey Center Project Director) Nadia Assad ལ་གློག་འཕྲིན་ assad@wisc.edu ཐོག་འབྲེལ་བ་གནང་རོགས།

བསམ་ཚུལ་བསྡུ་ལེན་འདིའི་དམིགས་ཡུལ་དང་བེད་སྤྱོད་བྱེད་ཕྱོགས་ལྟ་བུའི་སྤྱིར་བཏང་གནས་ཚུལ་ཐད་དྲི་བ་ཡོད་ཚེ། བསམ་ཚུལ་བསྡུ་ལེན་འཆར་འགོད་ཚོགས་ཆུང་ལ་གློག་འཕྲིན་ staffclimatesurvey@wisc.edu ཐོག་འབྲེལ་བ་གནང་རོགས།